བྱིས་གསོ་ཁང་ཡར་རྒྱས་གོང་སྤེལ།

Home / བྱིས་གསོ་ཁང་ཡར་རྒྱས་གོང་སྤེལ།

བྱིས་གསོ་ཁང་ཡར་རྒྱས་གོང་སྤེལ།

Support Program

ཕྱི་ལོ་༢༠༡༨ ལོར་འདི་ག་ཞབས་ཞུ་ཁང་གིས་བཞུགས་སྒར་རྡ་ས་ཁུལ་གྱི་བྱིས་གསོ་ཁང་གཉིས་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་གྱི་ལས་འཆར་འགོ་འཛུགས་བྱེད་ཀྱི་ཡོད། ལས་འཆར་འདི་བརྒྱུད་བྱིས་གསོ་ཁང་གཉིས་ལ་ཤོག་བུ་མཐུག་པོ་ཅན་གྱི་བྱིས་དེབ་དང་བྱིས་པའི་ཚོར་ཤེས་འཚར་ལོངས་ལ་སྨན་པའི་རྩེད་ཆས་རིགས་མཁོ་སྤྲོད་དང་བསྟུན། བྱིས་གསོ་ཁང་དེ་གཉིས་ཀྱི་འབྲེལ་ཡོད་བྱིས་པར་ལྟ་སྐྱོང་གནང་མཁན་དང་ཕ་མ་སོགས་ལ་འདི་གའི་ལོ་ཆུང་བྱིས་པར་བྱམས་སྐྱོང་དང་སློབ་གསོ་སྤྲོད་སྟངས་སྐོར་ལ་ཆེད་མཁས་པས་དུས་ནས་དུས་སུ་ཟབ་སྦྱོང་སྤྲོད་པའི་མཐུན་སྦྱོར་བྱ་རྒྱུ། ལས་འཆར་འདི་ནི་བྱིས་པའི་བསམ་བློ་དང་འཆར་སྒོ་ཡར་རྒྱས་གཏོང་ཐབས་ལ་དམིགས་པ་ཞིག་ཡིན་ལ། སློབ་ལོ་མ་སོན་པའི་བྱིས་པ་རྣམས་སློབ་གྲྭར་ཞུགས་པར་གྲ་སྒྲིག་གང་ལེགས་ཡོང་བར་དམིགས་པ་ཞིག་ཀྱང་ཡིན།