ལོ་ཆུང་བྱིས་པར་བྱམས་སྐྱོང་དང་སློབ་གསོ་སྤྲོད་པའི་ནུས་པ་གོང་སྤེལ།

Home / ལོ་ཆུང་བྱིས་པར་བྱམས་སྐྱོང་དང་སློབ་གསོ་སྤྲོད་པའི་ནུས་པ་གོང་སྤེལ།

ལོ་ཆུང་བྱིས་པར་བྱམས་སྐྱོང་དང་སློབ་གསོ་སྤྲོད་པའི་ནུས་པ་གོང་སྤེལ།

ཕྲུ་གུ་ལོ་ ༠ ནས་ ༤ བར་

ལས་འཆར་འདིའི་ཁོངས་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འབྲེལ་ཡོད་ཆེད་ལས་པ་རྣམས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བྱིས་པ་སྐྱེས་ནས་ལོ་གཉིས་སོན་མཚམས་ཀྱི་ཕ་མ་རྣམས་ཀྱི་སར་བཅར་ཏེ། བྱིས་པའི་ཀླད་པ་འཚར་ལོངས་འབྱུང་བའི་གནད་འགག་གི་དུས་སྐབས་སྐོར་དང་། བྱིས་པ་ལ་སྐད་ཆ་བཤད་པ་དང་། སྒྲུང་གཏམ་བཤད་པ། དེབ་ཀློག་པ་བཅས་ཀྱི་དགེ་མཚན་སྐོར། དེ་བཞིན་ཁ་པར་དང་བརྙན་འཕྲིན་སོགས་འཆར་ཤེལ་ལྡན་པའི་ཅ་དངོས་རིགས་སྤྱོད་ཐལ་ཆེ་བ་ལས་བྱིས་པ་ལ་འབྱུང་ཉེན་ཆེ་བའི་གནོད་སྐྱོན་སྐོར་དང་དེ་རིགས་ཚད་དང་རན་པོར་སྤྱོད་སྟངས་སོགས་ཀྱི་སྐོར་ལ་ལམ་སྟོན་གནད་སྨིན་བྱེད་ཀྱི་ཡོད། ལམ་སྟོན་འདི་དང་ལྷན་ཕ་མ་ཚོར་ཤོག་བུ་མཐུག་པོ་ཅན་གྱི་བྱིས་དེབ་དང་། བྱིས་པའི་ཚོར་ཤེས་འཚར་ལོངས་ལ་སྨན་པའི་རྩེད་ཆས། བྱིས་པའི་འཕྲོད་བསྟེན་ལ་དགོས་ངེས་ཀྱི་ཡོ་ཆས་རིགས་སོགས་ཡོད་པའི་ ”བོད་ཀྱི་བྱིས་པའི་སྒམ་ཆུང་།” ཞེས་པའི་ལེགས་སྐྱེས་ཤིག་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད།